༈ བ་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་པ་འདྲ། སྙིང་གའི་ཁམས་དཀར་དམར་དང་དེའི་ནང་གི་རླུང་སེམས་གཉིས་ཀ་ལ་མི་ཤིགས་པའི་ཐིག་ལེའི་སྒྲ་འཇུག་ཡན་ལག་གི་རླུང་ལྔ་ལ་མགྱོགས་བུལ་གྱི་ [105A]༄༅། །ཁྱད་པར་བཤད་པ་མ་མཐོང། རླུང་འཇུག་གནས་ལྡང་གསུམ་གྱིས་ཨོཾ་ཨཱཧཱུཾ་གི་རང་སྒྲ་སྒྲོག་པ་ལ་རླུང་སྔགས་དབྱེར་མེད་ཟེར། ཀུན་རྟོག་གཡོ་བའི་རླུང་ཞེས་པ་རང་བཞིན་བརྒྱད་ ཅུའི་རྣམ་རྟོག་གི་རླུང་ལ་ཟེར། ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བས་ཡུལ་སྟོང་པ་ཉིད་མངོན་སུམ་དུ་སྔར་མ་རྟོགས་པ་གསར་དུ་རྟོགས་པ་དེ་ལ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ཟེར་བ་ཡིན། སྟོང་ཉིད་མངོན་སུམ་ དུ་རྟོགས་མཁན་དེ་ལ་འཕགས་པ་ཟེར་བ་ཡིན། ཉོན་སྒྲིབ་གཉེན་པོ་མཐར་ཐུག་གིས་སྤོང་བཞིན་པ་ལ་བར་ཆད་མེད་ལམ་དང། སྤངས་ཟིན་པ་ལ་རྣམ་གྲོལ་ལམ་ཟེར་བ་འདྲ། སྔགས་བླ་མེད་ལུགས་ཀྱིས་ ལམ་བརྩི་ཚུལ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་འཇིགས་རྫོགས་ཚིགས་བཅད་མར་ཡོད་དོ། །དེ་ལྟར་ཇི་སྐད་དྲིས་པ་རྣམས་ཀྱི་ལན། །རྒྱས་དང་བསྡུས་པའི་ཚུལ་དུ་དཀའ་བའི་ཚེགས། །ཁུར་དུ་བཟོད་པར་བྱས་ཏེ་ བཏབ་པོ་སླར། །ཡང་ཡང་རྣ་བ་གཙེར་བར་མ་བྱེད་ཅིག་དེ་ལྟར་དྲིས་ལན་རྣམས་མདོར་བསྡུས་གང་ཤེས་སུ་བསྟར་ནས་རྟེན་དང་བཅས་ཏེ་བསྐུར་བའོ།།